༉ འབྲུག་རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གིས་ ཤེར་ཟ་ལས་སྡེ་དེ་ གནས་སྐབས་ཀྱི་དོན་ལུ་ བཀག་ཆ་འབད་ཡོད་མི་ལུ་བརྟེན་ ལས་སྡེའི་བགོ་བཤའ་འཆང་མི་ཚུ་གིས་ བགོ་བཤའི་ཚོང་འབྲེལ་ཚུ་ བར་སྐབས་ཅིག་ འཐབ་མི་ཚུགས་ནི་ཨིན་པས།
༉ ཐིམ་ཕུག་ཀུན་གསལ་ཕོ་བྲང་ནང་ ཕྱི་ནང་༢ ལས་ དད་ཅན་སྟོང་ཕྲག་ལས་བཅད་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལས་ དཀྱིལ་མཆོག་འཕྲེང་བའི་བཀའ་དབང་ ཞུ་བའི་བསྒང་ཡོདཔ་ཨིན་པས།
༉ བཀྲིས་སྒང་ སག་སྟེང་རྒེད་འོག་ནང་ སྒམ་རི་ཆུ་༡ པ་དང་ བ་མུ་སྤ་རོང་ཆུ་གཅིག་སྒྲིལ་གློག་མེ་ལས་འགུལ་ ནུས་ཤུགས་མེ་ག་ཝཊ་༥༤ འབད་མི་དེ་ བཟོ་སྐྲུན་གྱི་ལཱ་འགོ་བཙུགས་མི་ལུ་བརྟེན་ འབྱོགཔ་ཚུ་གི་ མི་ཚེའི་གནས་སྟངས་ ཡར་དྲག་བཟོ་ཚུགས་ནི་ཨིན་པས།
༉ འབྲུག་རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གིས་ ཤེར་ཟ་ལས་སྡེ་དེ་ གནས་སྐབས་ཀྱི་དོན་ལུ་ བཀག་ཆ་འབད་ཡོད་མི་ལུ་བརྟེན་ ལས་སྡེའི་བགོ་བཤའ་འཆང་མི་ཚུ་གིས་ བགོ་བཤའི་ཚོང་འབྲེལ་ཚུ་ བར་སྐབས་ཅིག་ འཐབ་མི་ཚུགས་ནི་ཨིན་པས།
༉ ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཟེར་དོ་བཟུམ་སྦེ་ རང་ཚུགས་རང་གིས་ ཚོད་ཟིན་མ་ཚུགསཔ་འདྲཝ་འབད་བ་ཅིན་ རྐྱེན་དང་ བར་ཆད་ འཕྲལ་དང་ཕུགས་ཀྱི་མཐའ་དོན་ལུ་ རྐྱེན་ངན་སྦོམ་སྦེ་ར་འབྱུང་སྲིད།