༄༅། །དཔལ་ལྡན་ཁྲིམས་ཞིབ་པ་གཞན་རྣམ་གཉིས་སྐོར་སྐྱོད་དང་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་། ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག་རྣམ་པ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༢ ཉིན་སྔ་དྲོ་ཚོུད་ ༦:༠༠ ཙམ་ལ་བཞུགས་སྒར་དྷ་ས་ནས་གཞུང་འཁོར་ནང་ཕེབས་ཐོན་གྱིས། དེ་ཉིན་གྱི་ཕྱི་དྲོ་ཚོུད་ ༦:༠༠ ཙམ་དུ་བདེ་སྐྱིད་གླིང་གཞིས་ཆགས་སུ་ཕེབས་འབྱོར་མཚམས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་དང་། ས་གནས་འགོ་འཛིན་གཙོས་གནད་ཡོད་མི་སྣ་ཁག  སྐོར་སྐྱོད་དང་བྱང་ཕྱོགས་ས་གནས་ཁྲིམས་དྲུང་གཅིག་ལྕོགས། མི་མང་ཁག་ཅིག་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས།

ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཚོུད་ ༩:༠༠ པའི་ཐོག་སྐོར་སྐྱོད་དང་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་འཚམས་གཟིགས་ཀྱིས་དེ་གའི་ངོ་ལས་ཡོངས་ལ་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ལམ་སྟོན་གནང་། ཉིན་རྒྱབ་བདེ་སྐྱིད་གླིང་དང་དོན་གྲུབ་གླིང་དུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལ་མཆོད་མཇལ་དང་སྲོང་བཙན་དཔེ་མཛོད་དུ་འཚམས་གཟིགས་གནང།

ཕྱི་ཚེས་ ༡༤ ཉིན་གྱི་སྔོ་དྲོ་ཚོུད་ ༡༠ ཐོག་བདེ་སྐྱིད་གླིང་ས་གནས་ཀྱི་པོ་ཏཱ་ལ་ཚོགས་ཁང་དུ། ས་གནས་ཁྲིམས་ཞིབ་པ་དང་ས་གནས་འགོ་འཛིན་གཙོས་པའི་གནད་ཡོད་མི་སྣ་ཁག སྐོར་སྐྱོད་དང་ས་གནས་ཁྲིམས་དྲུང་གཅིག་ལྕོགས། མི་མང་བཅས་ལ་དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། མང་གཙོའི་འཕལ་རིམ་ཀྱི་ངོ་སྤྲོད།  བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་། ངོ་བོ། ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐོག་གསུངས་བཤད་གནང། དེའི་རྗེས་ས་གནས་འགོ་འཛིན་གཙོས་པའི་གནད་ཡོད་མི་སྣ་ཁག་ས་གནས་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་ལྷན་འཛོམས་ཀྱི་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་ཚོགས་ཡོད། སྐབས་དེར་ས་གནས་ལས་དོན་བྱེད་ཕྱོགས་དང། ས་གནས་མི་མང་གི་གནས་བབས། དེ་བཞིན་གཞུང་འབྲེལ་མཛད་སྒོ་ཁག་དུ་གཏན་འབེབས་བགྱིས་པའི་ཁྲིམས་སྒྲིག་བཞིན་གདན་ཐོབ་གང་གསལ་ཡོད་པ་དེ་བཞིན་དུ་ལག་བསྟར་ཡོང་རྒྱུའི་གནད་འགག་བཅས་ཀྱི་སྐོར་བཀའ་བསྡུར་གནང་ཡོད། ཉིན་རྒྱབ་ཚོུད་ ༢:༠༠ ཡོལ་ཙམ་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་དང་། བདེ་སྐྱེད་གླིང་ས་གནས་འགོ་འཛིན་གཙོས་པའི་སྐོར་སྐྱོད་དང་བྱང་ཕྱོགས་ས་གནས་ཁྲིམས་དྲུང་གཅིག་ལྕོགས། ས་གནས་མི་མང་རྣམས་ནས་ཕེབས་སྐྱེལ་གྱིས། སྐོུ་རྣམ་པ་གཉིས་ལུ་ལྡི་ཡ་ན་(Ludhiana)རུ་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་ནས་སྐུའི་གོ་སྟོན་གྱི་མཛད་སྒོ་ཐོག་མགྲོན་འབོད་ལྟར་ཕེབས་ཐོན་གནང་ཡོད།

ཕྱི་ཚེས་ ༡༥ ཉིན་རྒྱབ་ཚོུད་ ༢:༠༠ པའི་ཐོག་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པས་གོ་སྒྲིག་ཞུས་པའི་གོ་སྟོན་མཛད་སྒོར་མཉམ་བཞུགས་གནང་བ་དང་། སྐབས་དེར་ཚོང་པ་ཚོགས་པས་གསར་རྒྱག་བྱེད་བཞིན་པ་ཁང་པར་གཟིགས་སྐོར་གནང་ཡོད། དའི་རྗེས་སྐུའི་གོ་སྟོན་གྱི་མཛད་སྒོར་བཅར་བཞུགས་གནང་ཡོད། ཕྱི་ཚེས་ ༡༦ ཉིན་བཞུགས་སྒར་དྷ་རམ་ས་ལར་ཕེབས་འབྱོར་བྱུང་ཡོད་པའི་གསར་འགྱུར་དུ།

 

 

Previous ཁ་མཆུ་ཨང་ ༢༡